GYUDMED TARA TEMPLE
  • Home
  • Gyudmed Monastery
    • Our Team
  • Services
  • Cho_nga Choepa
    • Yab_Se_Sum
    • Auspicious Symbols
    • Artist
  • Events
    • Rinpoche's bio
  • Contact
ཨ་རིའི་དགེ་ལྡན་སྨོན་ལམ་ཆེན་མོའི་བཅོ་ལྔ་མཆོད་པ།    Monlam Butter sculptures
Picture
ཆོ་འཕྲུལ་སྨོན་ལམ་ཆེན་མོ།
༄༅།། ལྷ་སའི་ཆོ་འཕྲུལ་སྨོན་ལམ་དུས་ཆེན་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ་ཆིག་སྟོང་བཞི་བརྒྱ་བཅུ་མེད་དགུའི་ལོ་ལ་གསར་འཛུགས་གནང་པ་ཞིག་རེད། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་སྔོན་སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་དང་པོའི་ཚེས་བརྒྱད་ནས་ཚེས་བཅོ་ལྔ་བར་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད། དུས་དེ་དང་བསྟུན་ནས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཡོངས་རྫོགས་ལྷ་སར་གདན་དྲངས་ཏེ་གཙུག་ལག་ཁང་དུ་ཚེས་གྲངས་ཆད་ལྷག་བབས་ཀྱིས་ཚེས་གསུམ་བཞི་གང་རུང་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔ་བར་ཉིན་ཉི་ཤུ་རྩ་གཅིག་ རིང་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་གཟབ་རྒྱས་གནང་སྲོལ་ཡོད། དགེ་འདུན་ཡོངས་ནས་ཉིན་རེ་ཚོགས་དུས་གསུམ་ལ་གསོལ་ཇ། བཞེས་ཐུག ཚབ་ར། སྐུ་འགྱེད་བཅས་བསྙེན་བཀུར་བླ་ན་མེད་པ་ གནང་སྟེ་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་ཞལ་འདོན་ ཐུགས་སྨོན་རྒྱ་ཆེ་མཛད་ཀྱི་རེད། དེའི་རིང་དགོང་དྲོ་ས་རུལ་ རྗེས་འཁྱམས་རའི་ནང་དགེ་བཤེས་ལྷ་རམས་གསར་པ་རྣམས་ ཀྱིས་མཚན་ཉིད་བགྲོ་གླེང་འགྲན་རྩོད་གནང་དགོས་པ་རེད། རྒྱས་པ་འདིར་ཡོད།

Monlam Chenmo
Monlam Chenmo or Festival of Choenga Choepa is the celebration of offerings on the fifteenth day of the last month of the Tibetan calendar. This is to mark the truimph of the Lord Buddha over his six non-Buddhist teachers who challenged him in performing miracles. The tradition started from the fourteenth century with Lama Tsongkhapa, the great Tibetan reformer. More details:
Who is the butter sculpture artist?  *  མར་ཚོན་མཆོད་པ་བཞེངས་མཁན་སུ་རེད།
Cho-nga Choepa or Butter Sculptures         བཅོ་ལྔ་མཆོད་པ།
Picture
རྗེ་བཙུན་བྱམས་པ་མགོན་པོ།
 ༄༅། །རྗེ་བཙུན་བྱམས་པ་མགོན་པོ་ནི་བསྐལ་བཟང་སངས་རྒྱས་སྟོང་གི་ནང་ནས་མ་འོང་སངས་རྒྱས་རྣམ་འདྲེན་ལྔ་པ་དང་། བསྟན་པ་འདིའི་དབང་དུ་བྱེད་ན་བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ་སྟེ་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྗེ་བཙུན་བྱམས་པ་མགོན་པོས་གཞུང་ལྔས་གསལ་བར་མཛད་པ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ་ཐོག་མ་ཡིན།།

                     Gyalwa Jampa Gonpo
Gyalwa Jampa/Maitreya, in Buddhist tradition, the future Buddha, presently a bodhisattva residing in the Tushita heaven, who will descend to earth to preach anew the dharma (“law”) when the teachings of Gautama Buddha have completely decayed. Maitreya is the earliest bodhisattva around whom a cult developed and is mentioned in scriptures from the 3rd century CE. He was accepted by all schools of Buddhism.

Picture
བསྟན་པའི་བདག་པོ་སྟོན་པ་ཤཀྱ་ཐུབ་པ།
༄༅། །སྟོན་པ་ཤཀྱ་ཐུབ་པ་ནི་ལིམ་བུའི་ཚལ་དུ་སྐུ་བལྟམས། སྐུ་ནར་སོན་སྐབས་འཁོར་བར་སྙིང་པོ་མེད་པར་གཟིགས་ཏེ་རྒྱལ་སྲིད་སྤངས་ནས་ལོ་དྲུག་དཀའ་བ་དཔྱད། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་འདུལ་བྱ་གྲངས་ལས་འདས་པ་ལ་ཆོས་ཀྱི་འཁོར་ལོརིམ་པ་གསུམ་བསྐོར་བས་འཇིག་རྟེན་ན་ཡོངས་སུ་གྲགས་པའི་(ནང་པ་སངས་རྒྱས་པའི་་ཆོས་ལུགས་)གསར་གཏོད་མཛད།  མཐར་རྩ་མཆོག་གྲོང་དུ་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།

                 Shakyamuni Buddha
Is the founder of the Buddhist religion. He lived and taught in India in the sixth century B.C.E., a time of burgeoning religious and philosophical thought from Greece to China. Born as the crown prince of the great Shakya Kingdom, the young Siddhartha Gautama was groomed to be a king in accordance with the wishes of his royal father. However, when he was about 29 years old, he learned of the deep suffering experienced in life by people. He left his palace life, gave up his fine garments and jewelry in order to find the causes of this suffering and the means to overcome it. After about six years of study, self-deprivation, and deep meditation he finally realized his goal. He had become an enlightened one (a Buddha).
Picture
འཇམ་དཔལ་དབྱངས།
​ ༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ནི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་ཤེས་རབ་ཀྱི་ལྷ་ཡིན་པ་དང་།  ཤཀྱ་ཐུབ་པའི་བསྟན་པ་འདིའི་དབང་དུ་བྱེད་ན་བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོའི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དངོས་བསྟན་སྟོང་ཉིད་རིམ་པ་རྣམས་གསལ་བར་མཛད་པའི་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་ཐོག་མ་འདི་ཡིན།
​
                            Manjushree
TIn Mahayana Buddhism, Manjusri is the bodhisattva of wisdom and is one of the most important iconic figures in Mahayana art and literature. He represents the wisdom of prajna, which is not confined by knowledge or concepts. Images of Manjusri, as with images of other bodhisattvas, are used for meditation, contemplation, and supplication by Mahayana Buddhists.
About Yab se Sum (Je Rinpoche) རྗེ་ཡབ་སྲས་གསུམ།
Proudly powered by Weebly
  • Home
  • Gyudmed Monastery
    • Our Team
  • Services
  • Cho_nga Choepa
    • Yab_Se_Sum
    • Auspicious Symbols
    • Artist
  • Events
    • Rinpoche's bio
  • Contact